དགའ་སྐྱེལ། སྐུ་ཞབས་སྙན་གྲགས། 关于对“欢送”的评述-念扎啦

དགའ་སྐྱེལ། སྐུ་ཞབས་སྙན་གྲགས། 关于对“欢送”的评述-念扎啦

      སྐུད་མེད་དྲ་བ་(WIFI)ཡོད་དུས་གསན་རོགས། དེ་མིན་གྱི་ཁྱེད་རང་གི་ཁ་པར་གྱི་འགྲོ་དངུལ་རྫོགས་ཀྱི་རེད།

      000000000000000000000000000000000000000

      དགའ་སྐྱེལ་ཟེར་བའི་ལུགས་སྲོལ་ང་ཚོར་སྔ་མ་ནས་ཡོད་དམ། དེ་བས་བག་མེད་ལོངས་སྤྱོད་ཀྱི་དགའ་སྐྱེལ་དང་ལྐོག་ཚོང་གི་ངོ་བོར་འགྱུར་ཟིན་པའི་དགའ་སྐྱེལ། མི་དང་མིའི་དབར་ལ་ཞེ་སྡང་དང་ཕྲ་དོག་སྐྱེས་ཡོང་བའི་དགའ་སྐྱེལ་ཟེར་བ་ང་ཚོར་དགོས་པ་འདུག་གམ། ཁྱེད་ཉིད་ནས་འདི་ལ་བསམ་གཞིག་ལེགས་པར་བཏང་རོགས་ཞུ།

      རང་སྒེར་དང་ཁྱིམ་ཚང་ནས་འགོ་བཙུགས་ཏེ་དགའ་སྐྱེལ་ཟེར་བའི་སྲོལ་ངན་དོར་ནས། ལུགས་མཐུན་གྱི་རྟེན་འབྲེལ་ལ་རོལ་ཐུབ་ན་ཅི་མ་རུང་། དེ་བས་བསོད་ནམས་ཀྱང་ཉམས་ཀྱི་མ་རེད།

      དགའ་ལྡན་དགོན་གྱི་མཁན་རིན་པོ་ཆེ་སྙན་གྲགས་ལགས། མི་དམངས་ཀྱི་རྨོངས་པ་སེལ་མཁན་གྱི་བོད་མི་དཀྱུས་མ་ཞིག  མི་དམངས་ལ་ཤ་ཞེན་ཆེ་བའི་མཁན་པོ་ཞིག  མི་དམངས་ཀྱི་བདེ་སྡུག་ལ་གདུང་སེམས་མཉམ་བསྐྱེད་བྱེད་མཁན་གྱི་རང་བྱུང་བླ་མ་ཞིག

      གྲྭ་པ་ཡིན་རུང་། མཁན་པོ་ཡིན་རུང་། བླ་མ་ཡིན་རུང་། མཁས་པ་ཡིན་རུང་། གཞུང་ཞབས་པ་ཡིན་རུང་། གང་ལྟར་དམངས་ལ་ཕན་བདེ་སྒྲུབ་རྒྱུ་དང་དམངས་ཀྱི་རྨོངས་པ་སེལ་རྒྱུ་འདི་ཧ་ཅང་གལ་ཆེ་པོ་རེད།

      མཁན་རིན་པོ་ཆེ་སྙན་གྲགས་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ།