次拉吉2016年新单曲-罗萨 ༢༠༡༦ལོའི་ཚེ་ལྷ་སྐྱིད་ཀྱི་གླུ་གཞས་གསར་པ་ལོ་གསར།

次拉吉2016年新单曲-罗萨 ༢༠༡༦ལོའི་ཚེ་ལྷ་སྐྱིད་ཀྱི་གླུ་གཞས་གསར་པ་ལོ་གསར།

ཚིག པདྨ་བསྟན་འཛིན།།གདངས། བློ་བཟང་ཟླ་བ།།ལེན་མཁན། ཚེ་ལྷ་སྐྱིད།།

9E332B2544F0482395B5B8260CDCAB1A

གངས་ལྗོངས་ས་མཐོར་བཀྲ་ཤིས་ལོ་གསར་ཤར།

གྲོ་སོ་ཕྱེ་མར་རི་བོ་ནང་བཞིན་བརྩེགས།

མཚོན་ལྔའི་དར་ལྕོག་ཐོག་ཁའི་སྟེང་ལ་གཡོ།

གཡང་དཀར་ལུག་གི་དབུ་འཕང་གང་ལས་མཐོ།

ནང་མི་ལྷན་འཛོམས་དགའ་བདེའི་དཔལ་ལ་རོལ།

ཕུན་སུམ་ཇ་ཆང་འདོད་རྒུ་འཛོམས་པའི་དུས།

ལོ་གཅིག་དུས་གཅིག་བཀྲིས་དུས་བཟང་འདི།

ཁྱིམ་ཚང་དྲག་ཞན་ཀུན་གྱིས་ཚ་འུར་ལ་གཏོང་།

ལོ་གཅིག་ཟླ་བ་བཅུ་གཉིས་ཞག་མ་སུམ་བརྒྱ་དྲུག་ཅུ།

ནད་རིགས་བཞི་རྒྱ་རྩ་བཞི་བར་ཆད་སྟོང་ཁྲག་བརྒྱད་བཅུ།

མི་དགེའི་བའི་ཕྱོགས་ཚང་མ་ཀླུད་ནང་དབྱུག

ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་སེལ།

ཡོད་ཚད་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།

ཨ་མ་བག་བྲོ་ལྷན་རྒྱས་ཀུན་ཁམས་ལ་བཟང་།

གཏན་དུ་བདེ་བ་ཐོབ་པའི་སྨོན་ལམ་བརྒྱབ།

དུས་བཟང་ད་ཚོད་ཁྲ་རོག་རོག་ལ་ཤོག

ལོ་གཅིག་ཟླ་བ་བཅུ་གཉིས་ཞག་མ་སུམ་བརྒྱ་དྲུག་ཅུ།

ནད་རིགས་བཞི་རྒྱ་རྩ་བཞི་བར་ཆད་སྟོང་ཕྲག་བརྒྱད་བཅུ།

མི་དགེའི་བའི་ཕྱོགས་ཚང་མ་ཀླུད་ནང་དབྱུག

ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་སེལ།