关于我们

ལུག་ཚང་དཔལ་ཡོན། 羊兄乐园


  • √ཚོགས་གཙོ།099459ccf7ecac51dd70f2c62833528a

ཡེ་ཤེས་བསྟན་འཛིན།(羊兄)

ལུག་ཚང་དཔལ་ཡོན་གསར་འཛུགས་གནང་མཁན་དང་། ད་ལྟའི་ལུག་ཚང་དཔལ་ཡོན་གྱི་འགན་འཁུར་བ་ཡེ་ཤེས་བསྟན་འཛིན་ལགས་ནི། བོད་ལྗོངས་ལྷ་སའི་ཉེ་འདབ་ཆུ་ཤུར་རྫོང་དུ་འཁྲུངས་ཤིང་། ༡༩༩༩ལོར་ཁྲང་ཀྲའུ་བོད་ལྗོངས་མི་རིགས་སློབ་འབྲིང་(江苏省常州西藏民族中学)དུ་རྒྱུགས་ཁྲོད། ༢༠༠༣ལོར་ཅང་སུའུ་པན་ནེའུ་མཐོ་རིམ་སློབ་འབྲིང་(江苏奔牛高级中学)དུ་སློབ་སྦྱོང་ལ་ཕྱིན། ༢༠༠༦ལོར་པེ་ཅིང་དགེ་འོས་སློབ་ཆེན་དུ་རྒྱུགས་ཁྲོད། སྔ་རྗེས་སུ་བོད་ཡིག་ཆ་འཕྲིན་ཅན་དང་དྲ་འབྲེལ་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཆེད་དུ་ལས་ཀ་མང་པོ་སྒྲུབ་མྱོང་། ༢༠༡༠ལོ་ནས་ཕ་ཡུལ་ཆུ་ཤུར་རྫོང་སློབ་འབྲིང་དུ་དགེ་རྒན་གྱི་ལས་གནས་སུ་སླེབས། ཐོག་མའི་ལོ་གསུམ་རིང་འཛིན་བདག་གི་འགན་འཁུར་བ་དང་བོད་སྐད་ཡིག་གི་སློབ་ཚན་ཁྲིད། ད་ཆ་རྩིས་འཁོར་གྱི་སློབ་ཚན་འཁྲིད་བཞིན་ཡོད།


 

  • √རྩོམ་སྒྲིག་པ། 

ཕུན་ཁང་རྣམ་རྒྱལ་ཚེ་རིང་། 

 

langjia

ཕུན་ཁང་རྣམ་རྒྱལ་ཚེ་རིང་ངམ་སྨྱུག་མིང་ལ་གཡང་དཀར་ལུ་གུ་ཡང་འབོད། ཕ་ཡུལ་གཞིས་རྩེ་ས་གནས་རྣམ་གླིང་རྫོང་། དགེ་བའི་བཤེས་གཉེན་བྱ་གཞུང་དབྱངས་བྷ་ལགས་ཀྱིས་ལྷག་བསམ་བཟང་པོའི་བཀའ་དྲིན་འོག་དཔེ་ཀློག་རྩོམ་འབྲིའི་རིན་ཐང་དང་དེའི་སྤྲོ་སྣང་ཡང་རྟོགས་བྱུང་། ༢༠༡༣ལོར་ལྷ་ས་དགེ་འོས་ཚང་བོད་སྐད་ཡིག་སློབ་གསོའི་ཚན་ཁག་ནས་སློབ་ཐོན་བྱས་རྗེས་ད་བར་རྩོམ་རིག་གི་ལམ་ནས་འཚོ་བའི་དགའ་སྐྱོ་ཆགས་སྡང་རྣལ་མར་འབོད་པར་སྤྲོ་བ་ཞིག་ཡིན་ཞིང་རྩོམ་རིག་ལམ་བུའི་སྟེང་གྲུབ་འབྲས་རེ་གཉིས་ཐོན་ཡོད་པ་འདིར་མི་སྨོས་པར་སེམས། རྣམ་ཀུན་རྩོམ་ཐར་ཐོར་འགའ་མཚོ་སྔོན་པོའི་བོད་ཡིག་ཟིན་བྲིས་དང་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་ཐོག་དང་ད་དུང་སྐད་འཕྲིན་ཐོག་གི་མི་སྒེར་དང་ཚན་པ་ཁག་གི་སྐད་འཕྲིན་གླེང་སྟེགས་ཐོག་རྩོམ་ཡིག་རྣམ་པ་མི་འདྲ་བ་སྣ་ཚོགས་སྤེལ་མུས་ཡིན། ད་ལྟ་ལྷ་ལྡན་གྲོང་ཁྱེར་སྙེ་མོ་རྫོང་དུ་སློབ་ཆུང་བོད་ཡིག་དགེ་རྒན་གྱི་མིང་ཙམ་འཛིན་བཞིན་ལས་ཞོར་སྐབས་ལ་དཔེ་ཀློག་དང་རྩོམ་འབྲིའི་ལམ་ལ་འབད་པ་དང་སྦྲགས་ལུག་ཚང་དཔལ་ཡོན་གྱི་རྩོམ་སྒྲིག་པའི་འགན་ཁུར་བཞིན་ཡོད།


 

ཁ། ལྷག་པ།

labalaoshi

ལྷག་པ། དྲ་མིང་ལ་༼ཁ༽ཞེས་འབོད། ཕ་ཡུལ་ལྷོ་ཁ་གོང་དཀར་ཁུལ་དུ་ཡིན་ཞིང་། QQ20150101163135ཆུང་ངུའི་དུས་ནས་བོད་མི་རིགས་ཀྱི་རིག་གནས་ལ་དགའ་ཞིང་སྙིང་ནས་དུངས། ༢༠༠༦ལོར་ལྷ་ས་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན་པ་དང་། ༢༠༠༨ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་དུ་དགེ་བའི་བཤེས་གཉེན་རྣམ་པའི་ཞབས་ལ་སྤྱི་བོས་མཆོད་དེ་ཞིབ་འཇུག་སློབ་མའི་སློབ་སྦྱོང་ལ་རོལ་བའི་གོ་སྐབས་སྨིན། སྐབས་དེར་ཁོ་པས་བོད་ཀྱི་རྩོམ་རིག་དང་ལོ་རྒྱུས་སོགས་ལ་བརྩོན་པའི་བགྱི་བ་དང་དུ་བླངས་པ་མ་ཟད། སློབ་རའི་ཕྱི་རོལ་ནས་ནང་རིག་ལ་མཆོག་ཏུ་གྱུར་བའི་དགེ་བའི་བཤེས་གཉེན་འཇམ་དཔལ་ནོར་བུ་དང་། གནས་ལྔ་རིག་པའི་བདག་པོ་མཁས་མཆོག་ཐུབ་སྨོན།  ས་སྐྱ་འཇམ་དབྱངས་སོགས་བླ་མར་བཀུར་ཏེ་སྒྲ་དང་ནང་རིག སྙན་ངག བརྡ་སྤྲོད། འབྱུང་རྩིས་སོགས་ཀྱི་ལུང་ཁྲིད་མི་ཉུང་བ་ཞིག་ཞུ་བའི་བསྐལ་བཟང་ཡང་ཐོབ། ༢༠༡༡ལོར་ཞིབ་འཇུག་སློབ་མའི་སློབ་གནས་ལེགས་གྲུབ་ཟིན་རྗེས་ད་ལྟ་གཞིས་རྩེ་མཐོ་འབྲིང་དང་པོའི་ནང་སྐད་ཡིག་སློབ་ཁྲིད་ཀྱི་བྱ་བ་དོན་དུ་གཉེར་མུས་སུ་མཆིས། ཁོ་པས་སྔ་རྗེས་སུ་《བོད་ལྗོངས་སློབ་ཆེན་རིག་དེབ》དང་《མཚོ་སྔོན་མང་ཚོགས་སྒྱུ་རྩལ 》《སྤང་རྒྱན་མེ་ཏོག》 《གངས་ལྗོངས་རིག་གནས  》《གཞིས་རྩེའི་སློབ་གསོ》༼མཆོད་མེའི་དྲ་ཚིགས།༽ ༼ལུག་ཚང་དཔལ་ཡོན།༽སོགས་ཀྱི་ཐོག་ཏུ་ཞིབ་འཇུག་དང་གསར་རྩོམ་སོགས་རྩོམ་རྣམ་མི་གཅིག་པའི་རྩོམ་ཡིག་མི་ཉུང་བ་ཞིག་སྤེལ།

 


ཤིང་གྲོགས། དངོས་མིང་དོན་གྲུབ་ཆོས་རྒྱལ།

dunzhu

ཡར་འབྲོག་ན་ལྟེ་ཁྲག་འཕོ་བའི་འབྲོག་ཕྲུག་གཅིག སློབ་གཉེར་གྱི་དུས་ཚོད་ནང་མི་མང་པོས་བོད་ཡིག་སྦྱང་ན་རྗེས་སུ་སྤྱི་ཚོགས་ཐོག་སླེབས་དུས་ལྟོ་ཕོར་འཛུགས་ས་རགས་ཀྱི་མ་རེད་ཟེར་བའི་སྐད་ཆ་ཚིག་གཅིག་ལ་དམིགས་ནས། བོད་ཡིག་སྦྱང་ཤིང་ཡང་སྙིང་ལྟོ་ཞིག་རགས་མིན་ལྟ་མཁན་གྱི་བོད་པ་གཙང་མ་ཞིག


 

བདེན་བུ། བཀྲ་ཤིས་བསྟན་དར།

zhaxi

རང་མིང་བཀྲ་ཤིས་བསྟན་དར། སྨྱུག་མིང་བདེན་བུ། ཕ་ཡུལ་ལྷོ་ཁ་མཚོ་སྣ་རྫོང་ཆུ་དྲོ་མོ་ཤང་། ལས་གནས་སློབ་ཆུང་དགེ་རྒན། ཆེད་ལས་བོད་སྐད་ཡིག་དངོས་ཚན་སློབ་ཐར། དགའ་ཕྱོགས་རྩོམ་འབྲི། བརྩམ་བྱ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་《སྙིང་གཏམ་ཤ་ཚ་མ》ཞེས་པའི་འབོལ་རྩོམ་དེབ་ཆུང་གཅིག


 

སྤེན་པ་དབང་འདུས།

༢༠༠༩ལོར་ལྷ་ལྡན་དགེ་འོས་སློབ་གྲྭའི་བོད་སྐད་ཡིག་ཆེད་ལས་འཛིན་གྲྭ་ནས་སློབ་མཐར་ཕྱིན། ༢༠༡༢ལོར་བོད་ལྗོངས་སློབ་ཆེའི་རིག་གཞུང་སློབ་གླིང་དུ་ཞིབ་འཇུག་སློབ་མར་བརྩོན་ཞོར་དུ་ལྷ་གྲོང་ཚོད་སློབ་ཀྱི་བོད་སྐད་ཡིག་དགེ་མིང་འཛིན་མུས་སུ་མཆིས།


བདེ་ཁང་བྱམས་པའམ་བྱམས་པ་ཚེ་བརྟན།

༢༠༡༠ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་བོད་སྐད་ཡིག་རྩོམ་རིག་འཛིན་གྲྭ་ནས་སློབ་ཐོན་བྱས་ཤིང་།༢༠༡༡ལོར་བོད་ལྗོངས་སློབ་ཆེན་སྲིད་ཁྲིམས་སློབ་གླིང་དུ་ལོ་གཉིས་ཙམ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཁྲིམས་ལུགས་ལ་སྦྱངས་པ་ཅུང་ཟད་ཙམ་བྱས་ནས་ད་ལྟ་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་ཞིབ་དཔྱོད་ཁང་དུ་ཡོད་ཅིང་ལས་ཞོར་དུ་ཡིག་བསྒྱུར་དང་བརྩམས་སྒྲུང་འཁྱར་འཁྱོར་འབྲི་ཁུལ་དང་ལུག་ཚང་དཔལ་ཡོན་གྱི་རྩོམ་སྒྲིག་པ་ཡིན།


 

 


  • √སྒྲ་ལྡན་དཔེ་ཀློག་ཁང་།

བློ་བཟང་དོན་ཡོད།  

dunyu

ཕ་ཡུལ་ལྷོ་ཁ་ལྷུན་རྩེ་རྫོང་རི་གྲོང་ཤང་། ༡༣ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་བོད་སྐད་སྙན་སྒྲོན་འཛིན་གྲྭ་ནས་ མཐར་ཕྱིན། ད་ལྟ་ལྷོ་ཁ་མཚོ་སྣ་རྫོང་བརྙན་འཕྲིན་ལས་ཁུངས་སུ་པར་ལེན་གསར་འགོད་པ་དང་སྙན་སྒྲོན་གྱི་ལས་ཀ་སྒྲུབ་མུས་ཡིན། ལུག་ཚང་དཔལ་ཡོན་སྒྲ་ལྡན་དཔེ་ཀློག་ཁང་གི་༼སྒྲུང་གཏམ་འཚོ་བའི་མེ་ལོང༽ཞེས་པའི་སྙན་སྒྲོན་པ།


བསྟན་འཛིན་ནོར་བུ།

ཕ་ཡུལ་ལྷོ་ཁ་ལྷུན་རྩེ་རྫོང་། ༢༠༡༣ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་བོད་སྐད་སྙན་སྒྲོན་འཛིན་གྲྭ་ནས་མཐར་ཕྱིན། ད་ལྟ་ཧུའུ་ནན་ཞིང་ཆེན་ཆིང་ཕིང་གོ་གྲངས་གཞི་ཀུང་སི་བོད་ལྗོངས་མི་རིགས་མཐུན་སྒྲིལ་གློག་རྡུལ་གྲངས་གཞི་པུའུ་རུ་ལས་ཀ་སྒྲུབ་མུས་ཡིན་ཞིང་། ལུག་ཚང་དཔལ་ཡོན་སྒྲ་ལྡན་དཔེ་ཀློག་ཁང་གི་༼སྙན་རྩོམ་དྲི་ཟའི་གླུ་དབྱངས༽ཞེས་པའི་ལེ་ཚན་གྱི་སྙན་སྒྲོན་པ་ཡིན།


དབྱངས་ཅན་ལྷ་མོ།

yangjinamu

ཕ་ཡུལ་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་དར་རྒྱས་ཤང་། ༢༠༡༣ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་བོད་སྐད་སྙན་སྒྲོན་གཙོ་སྐྱོང་ཆེད་ལས་ནས་སློབ་ཐོན་བྱུང་།ད་ལྟ་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་དྲིལ་བསྒྲགས་པུའུ་རུ་ལས་དོན་སྒྲུབ་བཞིན་ཡོད། ལུག་ཚང་དཔལ་ཡོན་སྒྲ་ལྡན་དཔེ་ཀློག་ཁང་གི་༼དམངས་སྲོལ་མེས་པོའི་མཆོད་པ་༽ཞེས་པའི་ལེ་ཚན་གྱི་སྙན་སྒྲོན་པ་ཡིན།


ཚེ་གཡང་།

ciyang

ཕ་ཡུལ་ལྷ་ས་གྲོང་ཁྱེར། ༢༠༡༣ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་བོད་སྐད་སྙན་སྒྲོན་གཙོ་སྐྱོང་ཆེད་ལས་ནས་སློབ་ཐོན། ད་ལྟ་སྟག་རྩེ་རུ་ལས་ཀ་བྱེད་བཞིན་ཡོད།


ཚེ་རིང་རྡོ་རྗེ།

ཕ་ཡུལ་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ནས་ཡིན་ཞིང་། ༢༠༡༤ལོར་ཀྲུང་གོ་གཞོན་ནུའི་ཆབ་སྲིད་སློབ་གླིང་གི་བསམ་བློ་ཆབ་སྲིད་ཆེད་ལས་ལས་སློབ་མཐར་ཕྱིན། ད་ལྟ་གནའ་གྲོང་ལྟ་སར་གནས་པའི་སྒྲོན་མེ་སློབ་གསོའི་ནང་བོད་སྐད་ཡིག་གི་སློབ་འཁྲིད་ལས་འགན་འཁུར་བཞིན་ཡོད། ལུག་ཚང་དཔལ་ཡོན་གྱི་སྒྲ་ལྡན་དཔེ་ཀློག་ཁང་གི་༼སྙན་རྩོམ་དྲི་ཟའི་གླུ་དབྱངས་༽ཞེས་པའི་ལེ་ཚན་གྱི་སྙན་སྒྲོན་པ་ཡིན།


བློ་བཟང་སྒྲོལ་མ།

luosangzhuoma

ཁོང་གིས་ངེད་ལུག་ཚང་དཔལ་ཡོན་སྒྲ་ལྡན་དཔེ་ཀློག་ཁང་གི་རྒྱ་སྐད་ལེ་ཚན་གཙོ་སྐྱོང་བྱེད་ཀྱི་ཡོད།


འཆི་མེད་སྒྲོལ་མ། 

qimi

ལྷ་ས་ཕྱི་སྐད་མཐོ་རིམ་སློབ་འབྲིང་གི་དགེ་རྒན། ནམ་རྒྱུན་གླུ་ལེན་རྒྱུ་དང་རྒྱུགས་ཤར་གློད་རྒྱུར་དགའ་པོ་ཡོད།


རྒྱལ་མཚན་ཕུན་ཚོགས།

jiangcaqipingcuo

ཕ་ཡུལ་ལྷོ་ཁ། ༢༠༡༣ལོའི་བོད་ལྗོངས་སློབ་ཆེན་བོད་སྐད་སྙན་སྒྲོན་གཙོ་སྐྱོང་ཆེད་ལས་ཀྱི་སློབ་མ།


ཚེ་གཡང་ལྷ་མོ།

4574647187174418579

ཕ་ཡུལ་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་། ༢༠༡༣ལོའི་བོད་ལྗོངས་སློབ་ཆེན་བོད་སྐད་སྙན་སྒྲོན་གཙོ་སྐྱོང་ཆེད་ལས་ཀྱི་སློབ་མ།


ཕི་ལི། བདེ་སྐྱིད་ལྷ་མོ།

ཧུ་པེ་ཞིང་ཆེན་ཧྲེ་དབྱན་གྲོང་ཁྱེར་ནས་ཡིན་པའི་རྒྱ་རིགས་ཀྱི་བུ་མོ་ཕི་ལི།  ད་ལྟ་སློབ་ཆེན་ལོ་རིམ་དང་པོའི་སློབ་མ་ཞིག་རེད། རྒྱ་སྐད་ཀྱི་ལེ་ཚན་云水禅心ཞེས་པ་ཞིག་གསར་དུ་བཟོ་གི་རེད།


རིག་འཛིན་རྡོ་རྗེ།

ཀྲེ་ཅང་ནོར་དཔལ་སློབ་ཆེན་གྱི་སློབ་མ་ཞིག


 

ཚེ་སྒྲོན།

ཚེ་སྒྲོན།

ཕ་ཡུལ་གཞིས་ཀ་རྩེ། བོད་ལྗོངས་སློབ་ཆེན་བོད་སྐད་སྙན་སྒྲོན་གཙོ་སྐྱོང་ཆེད་ལས་ནས་ཐོན། ད་ལྟ་གཞིས་རྩེ་བརྙན་འཕྲིན་ཁང་དུ་བོད་སྐད་སྙན་སྒྲོན་ལས་ཀ་བྱེད་བཞིན་ཡོད།


 

 

  • √ལག་རྩལ་ཞིབ་འཇུག་ཁང་།

བྱམས་པ་ཚེ་བརྟན།

གམ་པ་སློབ་འབྲིང་། རྩམ་ཁུག་དྲ་བའི་འགན་འཁུར་བ།

Leave a Reply